黄南藏文报ཚགས་པར་གྱི་ཁ་ཤོག པར་རིས་གསར་འགྱུར། རྨ་ལྷོ་ཁུལ་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བསྡུས་པ།

第A1版:ཚགས་པར་གྱི་ཁ་ཤོག PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 16 日 星期日   01

རྨ་ལྷོ་ཁུལ་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཀྲུང་གུང་རྨ་ལྷོ་ཁུལ་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བསྡུས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པར་མ་ཟད། རྨ་ལྷོའི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་ལག་ལེན་ལ་ཕྱིར་བལྟ་དང་སྤྱི་བསྡོམས་བྱས་ལ། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུས་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་ཕྱོགས་བསྡོམས་དང་ལོ་སྨད་ཀྱི་བྱ་བའི་ལས་འགན་བཀོད་སྒྲིག་བྱས་ཐོག ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་བཅོས་སྒྱུར་གསར་གཏོད་དང་། ཡར་རྒྱས་བརྩོན་ལེན། རྒྱུན་མཐུད་འབད་འཐབ་ཀྱི་ངར་ཤུགས་སྐུལ་སློང་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི“རྨ་ལྷོའི་དཔེ་རྣམ”སྔར་བས་སྲ་བརྟན་དང་མཐོར་འདེགས་སྒོས་ཏང་འཛུགས་སྐྱོང་གིས་ས་གནས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་དགོས་ཞེས་བསྟན།

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཞུའེ་ཀྲི་ཡིས་ལོ་སྟོད་ཀྱི་བྱ་བར་ཕྱོགས་བསྡོམས་དང་ལོ་སྨད་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུ་ཀླུ་འབུམ་རྒྱལ་དང་ལི་ཞུའེ་ཅོན། སྐར་མ་ཕུན་ཚོགས། དབྱང་ཀྲི་ཅོན། ཅང་ཧྲུའུ་ཁྲིན། ཧོང་ཧྲི་ཚུང་། ཁྲིན་རོང་། ཅང་མེན་ཁོན། ཀྲུང་ཀྲི་ཅོན། ཡུས་ཧྭ་ཡུང་བཅས་ཚོགས་འདུར་ཞུགས།

ཚོགས་འདུས། ཉེ་བའི་ལོ་ཤས་རིང་རྨ་ལྷོ་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། “པད་མའི་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་སྤྱི་ཚོགས་བཅོས་སྐྱོང་མངོན་འགྱུར་བྱས་ཤིང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལྟེ་བར་འཛིན་པ་དང་། ཁྲིམས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བ་སོགས“ལྟེ་བ་གཅིག་དང་བཅོས་སྐྱོང་གསུམ” དང“རྨ་ལྷོའི་དཔེ་རྣམ”ཆགས་པར་བྱས་ཏེ། ཏང་འཛུགས་སྐྱོང་གིས་ས་གནས་བཅོས་སྐྱོང་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་རང་རྟོགས་དང་ཡིད་ཆེས་སྔར་བས་ཇེ་བརྟན་དུ་བཏང་ཡོད་ཚུལ་བསྟན།

ཚོགས་འདུས་ནན་གྱིས་བསྟན་དོན། ལོ་སྨད་དུ་ཁ་གསབ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་བརླིང་ཡོང་བར་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བ་དང་། “ལྔའི་བཅུ་གསུམ”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་འབྱུང་བ་བཅས་ལ་འགན་ལེན་བྱེད་དགོས། དེ་ལ་གཅིག་ནི་ལས་གཞི་འཛུགས་སྐྲུན་མཐའ་གཅིག་ཏུ་དམ་འཛིན་བྱེད་པ་དང་། གཉིས་ནི་ཐོན་ལས་སྐྱེད་སྲིང་མཐའ་གཅིག་ཏུ་དམ་འཛིན་བྱེད་པ། གསུམ་ནི་ཞན་ཆ་སེལ་བ་མཐའ་གཅིག་ཏུ་དམ་འཛིན་བྱེད་པ། བཞི་ནི་སྐྱེ་ཁམས་འཛུགས་སྐྲུན་མཐའ་གཅིག་ཏུ་དམ་འཛིན་བྱེད་པ།

(འཕྲོ་མ་པར་ངོས་གསུམ་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认