黄南藏文报ཚགས་པར་གྱི་ཁ་ཤོག པར་རིས་གསར་འགྱུར། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་སྲུང་ཉེན་ཟོན་གྱི“ དྲི་བ་གསུམ”ལ་ལན་བཏབ་པ།

第A1版:ཚགས་པར་གྱི་ཁ་ཤོག PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 21 日 星期五   01

རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་སྲུང་ཉེན་ཟོན་གྱི“ དྲི་བ་གསུམ”ལ་ལན་བཏབ་པ།

作者:

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས14ཉིན། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་བཀོད་སྒྲིག་ཀྱང་གནང་། ཚོགས་འདུས་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆ་ཚང་བརྒྱུད་བསྒྲགས་བྱས་པ་དང་། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་ནན་ཏན་བྱས་ལ། ཝང་ཅན་ཅོན་དང་ཞིན་ཁྲང་ཞང་གཉིས་ཀྱིས་མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་ཆེད་དོན་བརྟག་དཔྱད་ལས་དོན་ལ་ཡུལ་དངོས་ལྟ་སྐུལ་བྱས་པ་དང་སྨྱན་སྦྱོར་གྱིས་མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་བརྟག་དཔྱད་གནས་ཚུལ་སྒྲོག་སྤེལ་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས།

ཚོགས་འདུར་ཞུགས་མཁན་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་དང་། གྲོང་ཁྱེར་དང་རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་དམིགས་ནས་ངོས་འཛིན་གླེང་བ་དང་མི་འདང་སར་ཞིབ་བཤེར་བྱས་ཏེ་གཏམ་བཤད། ཚང་མས་མགྲིན་གཅིག་ཏུ་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་གལ་ཆེན་གྱིས་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་། ཏང་ཡོན་ལས་བྱེད་པ་ཡོངས་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་རྨོངས་གཉིད་ལས་སད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདོད་འདུན་དང་དད་སེམས་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པར་མ་ཟད། ད་དུང་ང་ཚོས་ལས་དོན་ལག་བསྟར་དམ་འཛིན་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ལྷག་པར་དུ་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་བཏོན་པའི“དྲི་བ་གསུམ”པོ་ལས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བློ་སྤོབས་མཚོན་ཡོད་ཟེར། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བསམ་བློ་གཅིག་གྱུར་དང་། ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ། བསམ་གཞིག་གཏིང་ཟབ་བྱེད་པ། ཟུར་བསྟན་ལེབ་མཐོང་བྱེད་པ། གནད་དོན་རྟོགས་ཚེ་དཔྱད་གཞིར་འཛིན་པ། བསླབ་བྱ་དང་ལེན་བྱེད་པའི་ཁྲོད་རིག་པ་དྭངས་གསལ་དང་རྨོངས་གཉིད་ལས་སད་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་སྲུང་ཉེན་ཟོན་གྱི“དྲི་བ་གསུམ”ལ་ལན་ཡག་པོ་བཏབ་པ་རེད།

བསམ་བློའི་ངོས་འཛིན་སྔར་བས་ཇེ་གསལ་དང་། ལག་ལེན་ཐོག་ད་དུང་ཤུགས་ཆེན་པོ་རྒྱག་དགོས། གཅིག་ནི་སློབ་སྦྱོང་དམ་འཛིན་བྱ་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་དེ་བཞིན་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་པ་དང་། གཏིང་ཟབ་མོར་སློབ་པ། བརྒྱུད་རིམ་ལྡན་པའི་ངང་སློབ་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱ་དགོས། (འཕྲོ་མ་པར་ངོས་གསུམ་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认