黄南藏文报ཕྱོགས་བསྡུས་འཕྲིན་གསར། ཝང་ཀྲིན་ཁྲང་གིས་གཅན་ཚ་རྫོང་གི་གྲོང་གསེབ་ཡུལ་སྐོར་ལས་དོན་ལ་རྟོག་ཞིབ་བྱས་པ། ཆའོ་ཞུའེ་ཀྲི་ཡིས་ཐུན་རིན་གྲོང་ཁྱེར་གྱི་གཏེར་ཁུལ་ཁག་ལ་ཞིབ་བཤེར་བྱས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 21 日 星期五   02

ཝང་ཀྲིན་ཁྲང་གིས་གཅན་ཚ་རྫོང་གི་གྲོང་གསེབ་ཡུལ་སྐོར་ལས་དོན་ལ་རྟོག་ཞིབ་བྱས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གཅན་ཚ་རྫོང་སྟེང་སོ་ཞང་དགུ་རོང་སྡེ་བ་དང་གཅན་ཚ་ཐང་ཞང་ཀླེ་གཞུག་སྡེ་གསར། ནང་ཁོག་ཞང་བདེ་ཆེན་སྡེ་བ་བཅས་སུ་སོང་སྟེ་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གོང་སྤེལ་ལས་དོན་ལ་རྟོག་ཞིབ་བྱས།

སྟེང་སོ་ཞང་དགུ་རོང་མཐིལ་གྱི་རི་བོ་ངོ་མཚར་ཆེ་ལ་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ལྷུང་ལྷུང་དུ་འབབ་པའི“ལང་ཚོའི་རྦབ་ཆུ”ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྣེ་འཁྲིད་པ་དཔལ་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག 《ལང་ཚོའི་རྦབ་ཆུ》བརྩམས་པ་ནས་བཟུང་མིང་དུ་གྲགས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་གོ་གནས་དང་འཁྲུངས་གཞིས་སོགས་ཀྱི་མི་ཆོས་ཐོན་ཁུངས་རྒྱབ་ལྗོངས་སུ་བྱས་ཏེ། ལང་ཚོའི་རྦབ་ཆུའི་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་གང་ལེགས་སྒོས་ཤུགས་ཆེན་པོས“མཐོ་སྒང་སྐྱེ་ཁམས་དེང་རབས་རིག་རྩལ་གསར་རྩོམ་རྟེན་གཞི”བསྐྲུན། ཝང་ཀྲིན་ཁྲང་གིས་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་ཀྱི་མི་ཆོས་ཡུལ་ལྗོངས། འགྲིམ་འགྲུལ་གཞུང་ལམ། སྲོལ་རྒྱུན་ཤིང་ཁང་། སྙན་ངག་ཐང་ཆེན་དང་ཤེལ་གྱི་སྐས་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་མཐར། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཁྲོད་མི་ཆོས་ཀྱི་མཛེས་ལྗོངས་དང་མི་རིགས་རིག་གནས་མཉམ་བསྲེས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་འབུར་དུ་བཏོད་པ་དང་། སྤུས་དག་གི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་ཡུལ་སྐོར་ཆེན་མོའི་འདུ་ཤེས་འཛུགས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཡུལ་སྐོར་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བཟང་པོ་བྱས་ཏེ། མང་ཚོགས་སྔར་ལས་མང་པོར་ཡུལ་སྐོར་ལས་འཐོབ་པའི་ཁེ་ཕན་མྱོང་དུ་འཇུག་དགོས་ཞེས་བསྟན།

གཅན་ཚ་ཐང་ཀླེ་གཞུག་སྡེ་བ་ནི་རི་མ་ས་ཁུལ་དུ་གནས་ཡོད་ལ། “ཕྱོགས་གཅིག་གི་རི་ཆུས་ས་དེའི་མིའི་ཁ་གསོ་མི་ཐུབ་པའི”གནད་དོན་རྩ་བ་ནས་ཐག་གཅོད་སླད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྡེ་བ་ཡོངས་གནས་སྤར་དུ་བཅུག་པ་རེད། ཝང་ཀྲིན་ཁྲང་གིས་ཀླེ་གཞུག་སྡེ་བའི་སྲོལ་རྒྱུན་ཐོན་ལས་དང་ཡུལ་སྐོར་ཐོན་ལས་སོགས་རྗེས་མཐུད་ཐོན་ལས་ཀྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་མཐར། ལྗོངས་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་ལྟར་ས་བབ་དང་བསྟུན་པ་དང་། སྡེ་བའི་རང་བྱུང་ཐོན་ཁུངས་དང་ཐོན་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ལ་རྐང་བཙུགས་ཏེ། བདེ་སྐྱིད་གྲོང་ཚོའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་འོག་ནུས་ཤུགས་ཡོད་རྒུས་ཁྱད་ཆོས་ཀྱིས་ཕྱུག་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་དང་ཞིང་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་བསྙེག་བརྒལ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་སྟོན་གནས་ཤིག་ཏུ་བསྐྲུན་རྒྱུར་བརྩོན་ལེན་བྱ་དགོས་ཟེར།

ཝང་ཀྲིན་ཁྲང་གིས་ནང་ཁོག་ཞང་གི་ཁྱད་ལྡན་ཞིང་ལས་དང་བདེ་ཆེན་ཤྭ་གསོ་ར་བ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་དང་གཅན་ཚ་རྫོང་གི་ཡུལ་སྐོར་གཞུང་ལམ་ཆེན་མོའི་འཆར་འགོད་གནས་ཚུལ་ལ་རྒྱུས་ལོན་བྱས་མཐར། དགོན་པ་དང་མེ་ཏོག་ཞིང་། རྦབ་ཆུ། ནགས་ཚལ་སོགས་ཀྱི་ཁྱད་དུ་འཕགས་པའི་རང་བྱུང་གི་མི་ཆོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་པོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་རྒྱ་བསྐྱེད་པ་དང་། སྔར་ལས་མང་པོའི་ཡུལ་སྐོར་པ་ཚུར་བཀུག་ནས་གཞན་དང་མི་མཚུངས་པའི་གྲོང་གསེབ་ཡུལ་སྐོར་ལ་རོལ་མྱོང་བྱེད་དུ་བཅུག་སྟེ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱེད་དགོས་ཞེས་བརྗོད།

སྐྱ་རྒྱ་ཞང་གི་སྐྱ་རྒྱ་སྡེ་བ་དང་། དོ་རྒྱ་ཞང་གི་ལྷ་བརྟན་སྡེ་བ་སོགས་སུ་ཝང་ཀྲིན་ཁྲང་གིས་ད་དུང་ཡུལ་དངོས་ནས་སྲོལ་རྒྱུན་གྲོང་ཚོ་དང་མཛེས་སྡུག་ཞིང་སྡེ་ལས་གཞི་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྲོལ་རྒྱུན་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་བས་ཤུགས་བསྣན་ཏེ། ད་སྔའི་སྡེ་དམངས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐང་དགོས་ལ། སྡེ་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་འཚོ་བའི་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་དང་གསར་སྤེལ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认