黄南藏文报ཕྱོགས་བསྡུས་འཕྲིན་གསར། ཝང་ཀྲིན་ཁྲང་གིས་གཅན་ཚ་རྫོང་གི་གྲོང་གསེབ་ཡུལ་སྐོར་ལས་དོན་ལ་རྟོག་ཞིབ་བྱས་པ། ཆའོ་ཞུའེ་ཀྲི་ཡིས་ཐུན་རིན་གྲོང་ཁྱེར་གྱི་གཏེར་ཁུལ་ཁག་ལ་ཞིབ་བཤེར་བྱས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 21 日 星期五   02

ཆའོ་ཞུའེ་ཀྲི་ཡིས་ཐུན་རིན་གྲོང་ཁྱེར་གྱི་གཏེར་ཁུལ་ཁག་ལ་ཞིབ་བཤེར་བྱས་པ།

作者:

རང་ཚགས་པར་གྱི་འཕྲིན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཟང་པོ་བྱ་ཆེད། ཉེ་ལམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཞུའེ་ཀྲི་རྨ་ལྷོ་ཁུལ་ཧྭ་ཏི་གཏེར་ལས་ཚད་ཡོད་སྤྱི་གཉེར་ཁང་ཆ་ཏུང་ཟངས་གཏེར་ཁུལ་དང་། མཚོ་སྔོན་ཧྲུན་ལུང་གཏེར་ལས་ཚད་ཡོད་སྤྱི་གཉེར་ཁང་ཞོ་འོང་དཔྱིའི་ཟངས་གསེར་གཏེར་ཁུལ། ཤ་སྦྲང་ཞ་ཉེ་ཏི་ཚ་གཏེར་ཁུལ། ནོའུ་རོང་ཁོག་བྱེ་རྡོ་བཟོ་གྲྭ་བཅས་སུ་སོང་སྟེ། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་དང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས།

ཧྭ་ཏིའི་གཏེར་ལས་ཆ་ཏུང་ཟངས་གཏེར་ཁུལ་དུ། ཆའོ་ཞུའེ་ཀྲི་ཡིས་ཁེ་ལས་ཀྱི་འོས་ཐོབ་རྒྱབ་ལྗོངས་དང་ཐོན་སྐྱེད་གཉེར་སྐྱོང་གི་འགྲོ་ལུགས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི། གཏེར་ཁུལ་བཅོས་སྐྱོང་། སྔོག་འདོན་བྱེད་ཚད་དང་དེ་མིན་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་བཅས“འགན་འཁྲི་གཉིས”དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཐུན་རིན་གྲོང་ཁྱེར་གྱིས་གཏེར་ཁའི་རིགས་ཀྱི་ཁེ་ལས་ཁག་ཅིག་གི་ཐོན་སྐྱེད་མཚམས་འཇོག་ཏུ་བཅུག་པའི་གནས་ཚུལ་ལ་ཁས་ལེན་བྱས། ཁོས་ད་དུང་ཐུན་རིན་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། གཏེར་ཁའི་རིགས་ཀྱི་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་མཐའ་གཅིག་ཏུ་མཚམས་འཇོག་ཏུ་བཅུག་ནས། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག འཕྲལ་བསྟུན་དོ་དམ། ཆུ་བེད། སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་གྱི་བྱ་སྒྲུབ་མི་སྣ་འཕྲལ་མར་སྐོང་འཐེན་སྒོས་བྱ་བའི་ཚན་ཆུང་བཙུགས་ཏེ་གཏེར་ཁུལ་དུ་བཅའ་སྡོད་བྱེད་པ་དང་། གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ལྟ་སྐུལ་བྱས་ཏེ་གཏེར་སྙིགས་གང་བྱུང་དུ་སྤུང་བ་སོགས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་དག་ཐེར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

ཧྲུན་ལུང་གཏེར་ལས་ཞོ་འོང་དཔྱིའི་ཟངས་གསེར་གཏེར་ཁུལ་དུ་ཁེ་ལས་ཀྱིས་གཏེར་དོང་བརྐོས་ཤུལ་སོགས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱས་ཡོད་པ་མཐོང་སྐབས་ཆའོ་ཞུའེ་ཀྲི་དགའ་སྤྲོའི་ངང་བཤད་རྒྱུར། ཁེ་ལས་ཀྱིས་ཧུར་ཐག་གིས་ས་གནས་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་སྒོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་རང་བཤེར་རང་བཅོས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོར་བསྒྲུབ་པ། ཁེ་ལས་ཀྱིས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་སྐུལ་བཅས་བྱས་ཏེ་ལྗང་མདོག་གཏེར་ཁུལ་བསྐྲུན་པར་ཤུགས་སྣོན་དགོས་པའི་རེ་བ་ནན་མོ་བཏོན།

ནོའུ་རོང་ཁོག་བྱེ་རྡོ་བཟོ་གྲྭའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་གནས་ཚུལ་ལ་ལྟ་ཞིབ་གནང་མཐར། ཆའོ་ཞུའེ་ཀྲི་ཡིས་ཐུན་རིན་གྲོང་ཁྱེར་གྱིས་སྐོར་ཐེངས་གཉིས་ཀྱི་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་གྱི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་བླང་བྱ་ལྟར། གྲོང་ཁྱེར་ཡོངས་ཀྱི་བྱེ་རྡོ་དང་གཏེར་ཁུལ་སྔོག་འདོན་འཆར་འགོད་སྔར་བས་འཐུས་ཚང་དུ་གཏོང་དགོས་ཤིང་། གང་མགྱོགས་ཀྱིས་བྱེ་རྡོ་སྔོག་འདོན་ཁུལ་ཕྱིར་འཐེན་བྱེད་པའི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱེད་དགོས་པ། དུས་མཚུངས་སུ་བསྐྱར་སྦོལ་ཚད་གཞི་ལྟར། ནོའུ་རོང་ཁོག་གི་བྱེ་རྡོ་བཟོ་གྲྭའི་སླར་གསོ་བཅོས་སྐྱོང་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་དཔེ་མཚོན་ཞིག་ཏུ་བསྒྱུར་དགོས་པའི་བླང་བྱ་བཏོན།

ཆའོ་ཞུའེ་ཀྲི་ཡིས་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་སྔོག་འདོན་བྱས་པའི་གནད་དོན་དེས་ང་ཚོར་སླར་ཡང་ཉེན་བརྡ་བཏང་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། སྡེ་ཚན་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་དངོས་འབེབས་བྱེད་དགོས་ཤིང་། རང་ཁུལ་ནས་དེ་འདྲའི་གནད་དོན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ནས། རི་ཆུའི་རྨ་ལྷོ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཏེ། གཅིག་ནས་ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་འགན་འཁྲི་ཕྲག་ཏུ་ལེན་དགོས། གཉིས་ནས་བྱ་ཐབས་ནན་མོ་སྤྱད་དེ་གཏེར་ཁའི་རིགས་ཀྱི་ཁེ་ལས་ལ་ཞིབ་བཤེར་ཆེན་པོ་བྱེད་པ་དམ་འཛིན་བྱེད་དགོས། གསུམ་ནས་འགན་འཁྲི་འཁུར་ཤུགས་ཆེ་ཤོས་ལ་བརྟེན་ནས་དག་ཐེར་ཡོ་བསྲང་གི་བླང་བྱ་གསར་པ་དོན་འཁྱོལ་བྱེད་དགོས། བཞི་ནས་བྱ་སྤྱོད་མགྱོགས་ཤོས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གྱི་མ་ལག་གསར་པ་བསྐྲུན་དགོས་ཟེར།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认