黄南藏文报ཚགས་པར་གྱི་ཁ་ཤོག པར་རིས་གསར་འགྱུར། ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བཅུ་པ་བསྡུས་པ།

第A1版:ཚགས་པར་གྱི་ཁ་ཤོག PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 28 日 星期五   01

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བཅུ་པ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཆའོ་ཞུའེ་ཀྲི་ཡིས་མགོ་འཛིན་སྒོས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས40པ་བསྡུས་ཏེ། ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས38པ་དང39པའི་ཞིབ་འཇུག་དོན་ཚན་དོན་འཁྱོལ་བྱས་ཚུལ་དང་། ཁུལ་ཡོངས་ཀྱི“སྤྱོད་ཁང་གསར་བརྗེ”ལ་སྐུལ་འདེད་བཏང་ཚུལ། ཁུལ་ཡོངས་ཀྱི་ཟླ་དང་པོ་ནས་བདུན་པའི་བར་གྱི་ལོ་འཁོར་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱས་ཚུལ། “ལྔའི་བཅུ་བཞིའི”འཆར་འགོད་སྒྲིག་བཟོ་གནས་ཚུལ་སོགས་ལ་ཉན་ཞིང་། སྟོན་དུས་དང་དགུན་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་འདོམས་སྒྲིག་བཀོད་བྱས།

ཚོགས་འདུས་བསྟན་དོན། སྤྱོད་ཁང་གི་གནད་དོན་ནི་ས་ཁུལ་གྱི་སྣང་བརྙན་དང་འབྲེལ་བ་ཡོད་པ་དང་། མང་ཚོགས་ཀྱི་སྟབས་བདེ་དང་འབྲེལ་བ་ཡོད་པས་གྲོང་ཁྱེར་དང་རྫོང་སོ་སོ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ“སྤྱོད་ཁང་ཆུང་ཆུང་ནི་དམངས་ཚིས་ཆེན་པོ་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། ལྟ་ཞིབ་དང་ལྡོག་འདྲེན་གྱི་གནད་དོན་སྣ་ཚོགས་དག་ཐེར་ནན་ཏན་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་རང་བཤེར་ནན་ཏན་བྱས་ནས་བསྐྲུན་ཟིན་པའི་སྤྱི་པའི་སྤྱོད་ཁང་གི་རྒྱུན་གཏན་གྱི་དོ་དམ་དང་སྲུང་སྐྱོང་ཚད་ལྡན་ཡོང་བར་བྱས་ནས་རྒྱུན་གཏན་གྱི་བེད་སྤྱོད་ལ་འགན་ལེན་བྱ་དགོས། འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་ཞིབ་བསྡུར་སྒོས། ཡུལ་བབ་དང་བསྟུན་པ་དང་སྤྱོད་ཁང་ལ་བརྟེན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། གསར་དུ་སྐྲུན་པའི་སྤྱོད་ཁང་ལས་གཞིའི་ས་ཆ་འདེམ་པ་དང་ས་ཆ་སྤྱོད་པ། ཁོར་ཡུག་དཔྱད་དཔོག་སོགས་ཀྱི་དུས་མགོའི་ལས་དོན་དོན་འཁྱོལ་དམ་འཛིན་བྱེད་པ། དུད་ཚང་དུ་བསྐྱོད་ནས་སྐུལ་སློང་དང་རྒྱུ་ཆ་གྲ་སྒྲིག་བྱེད་པ་སོགས་རྨང་གཞི་ཅན་གྱི་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང་ཆབས་ཅིག བཀོད་གཏོང་སྟེགས་བུའི་གཞི་གྲངས་གནད་ལ་འཁེལ་བར་འགན་ལེན་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ནོར་འཁྲུལ་གང་ཡང་མི་འབྱུང་བར་འགན་ལེན་བྱ་དགོས།

ཚོགས་འདུས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་ལྔ་སྤྱད་དེ་སྟོན་དགུན་གྱི་གཙོ་གནད་ལས་དོན་ཡག་པོར་བསྒྲུབས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་ལ་འགན་ལེན་བྱེད་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ནུས་ཤུགས་ཡོད་རྒུས་འགྲོས་ཚད་ཇེ་མགྱོགས་སུ་གཏོང་དགོས། འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལ་དམིགས་ནས་གོ་རིམ་བཞིན་ཞིབ་བསྡུར་ཞིབ་བཤེར་བྱེད་པ་དང་། བྱ་བའི་ཁྲོད་ཀྱི་གནད་དོན་དང་ཧེ་བག་ལེགས་སྒྲིག་ནན་ཏན་བྱེད་པ། རྒྱུན་གཏན་ལས་འདས་པའི་བྱེད་ཐབས་སྤྱད་དེ་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ནས་འགྲོས་ཚད་ཇེ་མགྱོགས་སུ་གཏོང་དགོས། འབྲེལ་ཡོད་མགོ་ཁྲིད་གཙོ་བོས་ལོ་འཁོར་གྱི་དམིགས་ཚད་ལས་དཀའ་གནད་ཅུང་ཆེ་བའི་དམིགས་ཚད་ལ་རང་ཉིད་ཀྱིས་དངོས་སུ་མགོ་ཁྲིད་པ་དང་། འཐབ་ཕྱོགས་དང་པོར་དངོས་སུ་བསྐྱོད་པ། དམག་འཐབ་ལ་དངོས་སུ་ལྟ་སྐུལ་བཅས་བྱེད་དགོས། ཁུལ་དཔོན་གཞོན་པ་དག་གིས་དམིགས་ཚད་ལས་འགན་ཡོངས་འགྲུབ་ལ་གདེང་ཚོད་ཡོད་པ་བྱས་ནས་ཁག་བགོས་དོ་དམ་སྡེ་ཚན་ལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་ལྟ་སྐུལ་དང་། དུས་བཀག་ལྟར་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་ཏེ་ལས་གཞི་རེ་རེ་བཞིན་ལྟ་སྐུལ་དང་། མ་འཇོག་ལ་ལྟ་སྐུལ། འཕེལ་རིམ་ལ་ལྟ་སྐུལ། གཏོང་སྤྲོད་ལ་ལྟ་སྐུལ་བཅས་བྱེད་དགོས། ཁུལ་འཕེལ་བཅོས་དང་སྡོམ་རྩིས་སོགས་སྡེ་ཚན་གྱིས་མ་འཇོག་བཀོད་གཏོང་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་ལག་བསྟར་ནན་མོ་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་ཚད་བརྒལ་སྔར་བས་ཆེ་བ་ཡོང་བར་བྱེད་དགོས།

(འཕྲོ་མ་པར་ངོས་གསུམ་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认