黄南藏文报ཕྱོགས་བསྡུས་འཕྲིན་གསར། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་འཁོར་བཅས་ཀྱིས་མཚོ་ཤར་དུ་རྟོག་ཞིབ་བྱས་པ།  ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པས་རང་ཁུལ་དུ་རྟོག་ཞིབ་བྱས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 28 日 星期五   02

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་འཁོར་བཅས་ཀྱིས་མཚོ་ཤར་དུ་རྟོག་ཞིབ་བྱས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང་ཀྲུའུ་རིན་གཞོན་པ་ཏུའུ་ཧོས་ཧྥེང་གིས་རྨ་ལྷོ་ཁུལ་གྱི་རྫོང་གསུམ་དང་གྲོང་ཁྱེར་གཅིག་གི་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་དང་། གཞུང་ལས་ཁང་གི་ཀྲུའུ་རིན། ཞང་དང་གྲོང་རྡལ་ཁག་གི་དམངས་ཆེན་ཀྲུའུ་ཞི་བཅས་མི49ཡི་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་དུ་བསྐྱོད་ནས་ཞང་དང་གྲོང་རྡལ་གྱི་དམངས་ཆེན་ལས་དོན་དང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚོགས་པ་འཁོར་བཅས་ཀྱིས་སྔ་རྗེས་སུ་བཱ་ཡན་རྫོང་གི་ནང་སྟོད་གྲོང་རྡལ་དང་ཤེས་རིག་འཐེན་ཐུག་གི་གཞི་གྲངས་ཆེན་མོའི་ལས་སྟེགས། ཡ་རྫི་རྫོང་གི་ཅི་ཧྲི་གྲོང་རྡལ་དང་པའོ་དབྱི་ཡུལ་སྐོར་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་། གཞོང་ཐང་རྫོང་གི་ཀྲུང་ཁྲོན་ཞང་དང་ཀུའུ་སི་གྲོང་རྡལ་གྱི་ཆི་ལི་ཧྭ་ཧའེ། གྲོ་ཚང་ཆུས་ཀྱི་ཆི་ལི་ཚོང་ཁང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆུང་། ཧོར་གྲོང་རྫོང་གི་གྲོང་རྡལ་ལྔ་པའི་པན་ཡན་གྲོང་གསར་དང་ཝུའེ་ཡོན་གྲོང་རྡལ་ཀྲུའོ་ཀྲ་ཐང་གྲོང་ཚོ། ཏུང་ཅེ་སྡེ་ཁུལ། དམར་གཙང་ཆུས་ཀྱི་དམར་གཙང་གྲོང་རྡལ་དང་རྨ་ཙོང་དམངས་སྲོལ་རིག་གནས་མྱོང་རོལ་ས་ཁུལ་བཅས་སུ་ཡུལ་དངོས་རྟོག་ཞིབ་བྱས།

རྟོག་ཞིབ་ཚོགས་པ་འཁོར་བཅས་ས་གནས་ཤིག་ཏུ་འབྱོར་ཐེངས་རེར། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་པ་དང་ཞང་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞིས་ངོ་སྤྲོད་བྱས་པའི་ཞང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས། ཡུལ་གཞན་གནས་སྤོར་དབུལ་སྐྱོར། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ནན་ཏན་ངང་ཉན་ཞིང་། ཞང་གྲོང་རྡལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་འཛུགས་སྐྲུན་དང་། ལམ་ལུགས་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ནུས་པ་འཛུགས་སྐྲུན། འཐུས་མིའི་གྲོས་མགོ་སྒྲུབ་གཉེར། འཐུས་མིའི་འགན་སྒྲུབ་ཞུ་འབུལ་དང་དཔྱད་གླེང་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་རྒྱུས་ལོན་བྱས་པར་མ་ཟད། གྲོང་ཁྱེར་དང་རྫོང་དང་ཞང་བཅས་ཀྱི་དམངས་ཆེན་ལས་དོན་གྱི་ཆེད་དོན་བརྙན་ཐུང་ལ་བལྟས་ཤིང་། ཞང་དང་གྲོང་རྡལ་གྱི་དམངས་ཆེན་ལས་དོན་གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་བཀླགས།

ས་གནས་གཉིས་པོའི་དམངས་ཆེན་གྱིས་དམར་གཙང་ཆུས་དམར་གཙང་གྲོང་རྡལ་དུ་རྟོག་ཞིབ་བྱེད་སྒོའི་སྤྱི་སྡོམ་ཚོགས་འདུ་བསྡུས། ཚོགས་འདུའི་ཐོག་མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཅན་སུང་ཧྲན་གྱིས་རྨ་ལྷོ་ཁུལ་གྱི་རྟོག་ཞིབ་ཚོགས་པས་མཚོ་ཤར་དུ་ཉམས་མྱོང་བརྒྱུད་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་ཤར་དུ་རྟོག་ཞིབ་བྱེད་རིང་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང་ཀྲུའུ་རིན་གཞོན་པ་ཏུའུ་ཧོས་ཧྥེང་དངོས་སུ་རྟོག་ཞིབ་ས་གནས་ཀུན་ལ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། བརྒྱུད་རིམ་ཧྲིལ་པོར་རྟོག་ཞིབ་དང་མཛུབ་ཁྲིད་གནང་། རྟོག་ཞིབ་ཚོགས་པའི་ཁོངས་མི་དག་གིས་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་ཉན་འདྲི་གསུམ་དང་། འབྲེལ་ཡོད་དཔྱད་ཡིག་ལྟ་ཀློག་པར་ལེན་དང་ཉར་ཚགས་བཅས་བྱེད་ཀྱིན་ཡོད་པ་དང་། ཚང་མས་འགྲོ་ཞོར་ལྟ་ཞོར་དུ་བསམ་བློ་གཏོང་བ་དང་གྲོས་བསྡུར་བྱེད་པའི་ཐོག་ནས་བྱ་བར་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་མཚོན་པ་དང་། དངོས་དོན་གཉེར་བའི་སྤྱོད་ཚུལ་དེ་རིགས་ལ་ང་ཚོས་སློབ་སྦྱོང་བྱ་འོས་ཟེར།

ཀླུ་རྒྱལ་ཚེ་རིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དང་པོའི་ནང་གི་གསུང“དཔལ་ཡོན་སྤེལ་རེས་བྱས་པས་སྣ་མང་ཅན་དུ་གྱུར་པ་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་བཟུང་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། དཔལ་ཡོན་སྤེལ་རེས་དང་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད”ཅེས་པ་ལུང་དྲངས་ཏེ། ད་ཐེངས་ཀྱི་སྤེལ་རེས་བརྒྱུད་བྱ་བའི་ཉམས་མྱོང་ཐོབ་པ་དང་གསར་གཏོད་ཀྱི་ཐབས་ལམ་རྟོགས་ནས་སྐྱོན་སྤངས་ལེགས་སྒྲུབ་ཀྱི་དམིགས་ཚད་མངོན་འགྱུར་ཏན་ཏིག་བྱུང་ཡོད། མཚོ་ཤར་གྱི་དམངས་ཆེན་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། རྨ་ལྷོའི་དམངས་ཆེན་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认