黄南藏文报ཕྱོགས་བསྡུས་འཕྲིན་གསར། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་འཁོར་བཅས་ཀྱིས་མཚོ་ཤར་དུ་རྟོག་ཞིབ་བྱས་པ།  ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པས་རང་ཁུལ་དུ་རྟོག་ཞིབ་བྱས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 08 月 28 日 星期五   02

ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པས་རང་ཁུལ་དུ་རྟོག་ཞིབ་བྱས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་འཁོར་བཅས་ཀྱིས་གྲུབ་པའི་རྟོག་ཞིབ་ཚོགས་པ་རང་ཁུལ་དུ་ཡོང་སྟེ། “བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཕན་ཚུན་འདྲེས་པར་ཁྲིད་སྟོན་བྱེད་པ”ཞེས་པའི་ཟླ་ཟུང་གྲོས་མོལ་དཔྱད་གཞིར་ཆེད་དོན་རྟོག་ཞིབ་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡའེ་ཝེ་ཕིང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ། ཁུལ་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་དང་མི་རིགས་ཆོས་ལུགས་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་ཁང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་ཨུའི་འཐབ་སྒྲིལ་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ། ཁུལ་ཁྲིམས་འཛིན་ཅུས། ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཐུན་རིན་གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ། ཁུལ་སྲིད་གྲོས་མི་རིགས་ཆོས་ལུགས་དང་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་ཨུ་ཡོན་ཁག་ཅིག་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལྷ་སྐྱབས་རྒྱལ་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུའི་ཐོག་ཡའེ་ཝེ་ཕིང་གིས་རང་ཁུལ་གྱིས་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོའི་ཁྲིད་སྟོན། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ཚོགས་པར་ཁྲིམས་ལྟར་དོ་དམ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། བདེ་འཇགས་དགོན་སྡེ་འཛུགས་སྐྲུན། གནད་ཁེལ་དབུལ་ཐར། ལྗང་མདོག་དགོན་སྡེ་གསར་སྐྲུན། བསམ་བློའི་དབུལ་ཐར། དགེ་འདུན་བརྒྱ་དུད་ཚང་བརྒྱར་སྦྲེལ་བ། བློ་གྲོས་འཐབ་སྒྲིལ། དགོན་སྡེའི་རྒན་གསོ་སོགས་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་ངོ་སྤྲོད་བྱས་ལ། དེའི་ཁྲོད་གནས་པའི་གནད་དོན་ལ་དམིགས་ཏེ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་མཐོར་འདེགས་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས། བླ་མ་དང་དགེ་བའི་བཤེས་གཉེན་གྱི་འཆད་ཁྲིད་སྟེགས་བུ་འཛུགས་པ་སོགས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན། ཁུལ་ཨུའི་འཐབ་སྒྲིལ་པུའུ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་རེབ་གོང་རིག་གནས་དོ་དམ་ཨུ་ཡོན་ལྷན་ཁང་། ཁུལ་ཁྲིམས་འཛིན་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་མི་རིགས་ཆོས་ལུགས་ལས་རིགས། རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་ཨུ་ཡོན་བཅས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁ་གསབ་གཏམ་བཤད་བྱས་པར་མ་ཟད། རྟོག་ཞིབ་ཚན་ཆུང་གིས“བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཕན་ཚུན་འདྲེས་པར་ཁྲིད་སྟོན་བྱེད་པའི”དཔྱད་གཞིར་བཞུགས་མོལ་གནང་སྟེ་བསམ་འཆར་བརྗེ་རེས་ཀྱང་བྱས།

ཝང་ཧྭ་ཕིང་གིས་རྟོག་ཞིབ་དཔྱད་གཞིར་དམིགས་པ་དང་བཞུགས་མོལ་ཚོགས་འདུའི་གནས་ཚུལ་དང་ཟུང་འབྲེལ་སྒོས། རིམ་པ་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པ་དང་། ཆོས་ཁྲིམས་དང་སྡོམ་ཁྲིམས་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་ཡོན་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དེང་རབས་ཀྱི་འཆད་འགྲེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་སྔར་བས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འཚམ་པ་དང་རྗེས་སུ་དམ་པོར་སྙེག་ཐུབ་པ་བྱེད་དགོས། གཉིས་ནས་རྨ་ལྷོའི་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་དང་ཟུང་འབྲེལ་བྱེད་པ་དང་། རེབ་གོང་རིག་གནས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་རྟགས་གསལ་གཏོང་ཚུལ་དེང་རབས་ཀྱི་སློབ་གསོའི་མ་ལག་ནང་འདྲེན་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རིམ་བཞིན་དེང་རབས་ཀྱི་རིག་གནས་མ་ལག་ཁྲོད་མཉམ་བསྲེས་སྒོས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས། གསུམ་ནས་བོད་བརྒྱུད་ནང་བསྟན་དེང་རབས་ཀྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རིག་གནས་མཚོན་རྟགས་བེད་སྤྱོད་གང་ལེགས་བྱེད་པ། རེབ་གོང་རིག་གནས་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་རེབ་གོང་རིག་གནས་ནི་ཁྲོམ་ར་ཅན་གྱི་འཕེལ་རྒྱས་ཁྲོད་འོད་དུ་འཚེར་བར་བྱེད་དགོས། བཞི་ནས་ཆོས་ལུགས་བྱེད་སྒོ་འགའ་ཞིག་རིག་གནས་བྱེད་སྒོར་བསྒྱུར་ནས་རིག་གནས་ཞབས་ཞུའི་ནུས་པ་དེ་བས་མང་པོ་འདོན་དགོས་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འདྲེས་པར་ཁྲིད་སྟོན་བྱེད་པའི་ནུས་ལྡན་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། ལྔ་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྐྱེ་ཁམས་ལྟ་བ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྲོད་འདོན་བཞིན་པའི་ནུས་པ་གལ་ཆེན་ལ་ངེས་ཤེས་གང་ལེགས་འདྲོངས་པར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁྲོད་ཁྱབ་པར་བྱེད་དགོས་ཞེས་བསྟན།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认