黄南藏文报ཚགས་པར་གྱི་ཁ་ཤོག པར་རིས་གསར་འགྱུར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཁྲེན་རོས་ཧྥེང་འཁོར་བཅས་ཀྱིས་རང་ཁུལ་དུ་རྟོག་ཞིབ་གནང་བ།

第A1版:ཚགས་པར་གྱི་ཁ་ཤོག PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   01

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཁྲེན་རོས་ཧྥེང་འཁོར་བཅས་ཀྱིས་རང་ཁུལ་དུ་རྟོག་ཞིབ་གནང་བ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཁྲེན་རོས་ཧྥེང་འཁོར་བཅས་རྨ་ལྷོ་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་དུ་བསྐྱོད་དེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

ཐུན་རིན་གྲོང་ཁྱེར་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ། རྟོག་ཞིབ་ཚན་ཆུང་གིས་ཐང་ག་འབྲི་སྦྱོང་ལྟེ་གནས་སོགས་ལ་ལྟ་ཞིབ་བྱས་ཤིང་། རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་། ཁྲོམ་རའི་ཚུར་སྣང་བཅས་ཀྱི་གནས་ཚུལ་ལ་མཉན་པ་བརྒྱུད། ཀླུ་སྒྲུབ་སྒྱུ་རྩལ་གླིང་གིས་མཚོན་པའི་རེབ་གོང་རིག་གནས་ཐོན་ལས་གསར་སྤེལ་ལས་གཉེར་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས་ཚུལ་ལ་རྒྱུས་ལོན་བྱས།

ཁྲེན་རོས་ཧྥེང་གིས་ད་དུང་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ལས་གཉེར་དང་དབུལ་ཕོངས་སློབ་མའི་ཐོན་སྐྱེད་འཚོ་བར་ཐེབས་པའི་ཤུགས་རྐྱེན་ལ་བཀའ་འདྲི་ཞིབ་མོ་གནང་ལ། ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་ལེན་ཕོད་པའི་སྙིང་སྟོབས་དང་། རིག་གནས་ཡུལ་སྐོར་ཐོན་རྫས་འགའ་ཞིག་གི་ཇུས་འགོད་ལ་བསྟོད་བསྔགས་གནང་།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སྟེ་སྣང་རའི་སྟོང་དཔོན་གཞིས་ཀ་རུ། ཁྲེན་རོས་ཧྥེང་གིས་བསྟན་དོན། སྐབས་དེའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ད་ལྟ་ང་ཚོས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མི་རིགས་ལས་དོན་ལེགས་པོར་བསྒྲུབ་པར་སྔར་བཞིན་མཛུབ་སྟོན་དང་དཔེ་གཞིའི་དོན་སྙིང་གལ་ཆེན་ལྡན། རེ་བ་ལ་འབྲེལ་ཡོད་སྡེ་ཁག་གིས་སྔ་རྒྱུན་གཞིར་བཞག་གིས་སྟོང་དཔོན་གཞིས་ཀའི་སྲུང་སྐྱོབ་ལས་དོན་ལེགས་པོར་བསྒྲུབ་དགོས་པར་མ་ཟད། ལོ་རྒྱུས་རིག་གནས་ཀྱི་གསལ་འགྲེལ་གནད་དུ་བཟུང་ནས། སྟོང་དཔོན་གཞིས་ཀའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་བྱེད་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས་ཟེར།

གཅན་ཚ་རྫོང་གི་ཡུལ་གཞན་གནས་སྤོར་གཅིག་བསྡུས་བཀོད་འཇོག་གནས་ཀྱི་ཡ་གྱལ་བདེ་སྐྱིད་གྲོང་ཚོ་རུ། རྟོག་ཞིབ་ཚན་ཆུང་གིས་ཆུ་འགྲམ་རྐང་ལམ་དང་རིག་གནས་འགྲེམས་པང་། རྨ་ཆུར་གཡེང་བསྐྱོད་ཡུལ་སྐོར་ལས་གཞི། ཏང་ཡོན་གྱིས་བདག་གཉེར་བྱེད་པའི་དཔེ་སྟོན་རོང་ཁྱིམ་སྤྲོ་སྐྱིད་གླིང་བཅས་ལ་ཡུལ་དངོས་ལྟ་ཞིབ་བྱས་ཏེ། བདེ་སྐྱིད་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་ཚུལ་དང་གཅན་ཚ་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས།

ཁྲེན་རོས་ཧྥེང་གིས་གཅན་ཚ་རྫོང་གིས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བར་མ་ཟད། རྗེས་ཕྱོགས་སུ་གྲོང་གསེབ་ཡུལ་སྐོར་ལས་དོན་ཇི་ལྟར་སྤེལ་ཚུལ་ལ་ཡུལ་དངོས་ནས་མཛུབ་སྟོན་བྱས། ཁོས་ས་གནས་དེ་གའི་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་མིག་རྒྱང་ལ་བརྟེན་ནས། རྨ་ཆུའི་འགྲམ་ངོགས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། ཡུལ་སྐོར་པའི་ཟུར་ཚད་ནས་བསམ་བློ་གཏོང་བ་དང་ཉག་ཕྲ་ས་ནས་དམ་འཛིན་བྱས་ཏེ་བདེ་སྐྱིད་གྲོང་ཚོའི་ཁྱད་ཆོས་དང་ཁྱད་བབ། སྦས་ཤུགས་ཆེས་ཆེ་བའི་ཐོན་ཁུངས་སྔོན་འདོན་དང་བེད་སྤྱོད་བྱེད་དགོས་ལ། མང་ཚོགས་ལ་གཞོལ་ཞིང་ཡུལ་སྐོར་པ་ཞུགས་ཚད་མཐོ་བའི་རིག་གནས་བྱེད་སྒོ་སྒྲིག་འཛུགས་སྒོས། བདེ་སྐྱིད་གྲོང་ཚོ་ནི་ཡུལ་སྐོར་པ་འགུག་ནུས་ལ་ཞེ་འཁྲེང་བར་བྱེད་པའི་ལྗོངས་ཁུལ་ཚད་ཐུབ་ཏུ་བསྐྲུན་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཀླུ་འབུམ་རྒྱལ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ལི་ཞུའེ་ཅོན་གཉིས་རྟོག་ཞིབ་ལ་འགྲོ་རོགས་བྱས།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认