黄南藏文报ཕྱོགས་བསྡུས་འཕྲིན་གསར། རང་ཁུལ་གྱིས་རིམས་ནད་བཀོད་འདོམས་པུའུ་ཡི་བརྙན་ལམ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བསྡུས་པ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   02

རང་ཁུལ་གྱིས་རིམས་ནད་བཀོད་འདོམས་པུའུ་ཡི་བརྙན་ལམ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བརྙན་ལམ་ཚོགས་འདུ་ཐེངས་ཉེར་གསུམ་པ་མཇུག་བསྒྲིལ་རྗེས། རང་ཁུལ་གྱིས་མྱུར་དུ་རིམས་ནད་བཀོད་འདོམས་པུའུ་ཡི་བརྙན་ལམ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ། ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བརྙན་འཕྲིན་གྲོས་ཚོགས་ཐེངས་ཉེར་གསུམ་པའི་དགོངས་དོན་སོགས་གང་མགྱོགས་ཀྱིས་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྟོན་དགུན་དུས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་ནམ་བཀོད་འདོམས་དཔོན་ཆའོ་ཞུའེ་ཀྲི་ཡིས་ཚོགས་འདུར་མགོ་འཛིན་བྱས་ཐོག་གཏམ་བཤད་གནང་།

ཆའོ་ཞུའེ་ཀྲི་ཡིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་པ་དང་། རིམས་ནད་འགོག་སྡོམ་ལས་དོན་ནི་དོན་དག་གལ་ཆེན་ཏུ་འཛིན་པ་མཐའ་འཁྱོངས་བྱས་ཤིང་། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་ཡོད་ཟེར།

ཆའོ་ཞུའེ་ཀྲི་ཡིས་དེང་སྐབས་གོ་ལ་ཧྲིལ་པོའི་རིམས་ནད་འབྱུང་ཚུལ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་བྱུང་བར་མ་ཟད་ཞིང་ཆེན་ལས་བརྒལ་ཏེ་ཕྱོགས་སུ་མཆེད་བཞིན་འདུག་པ་དང་། སྟོན་ཁ་དང་དགུན་ཁའི་དུས་ཚིགས་སླེབས་པ་དང་མཉམ་དུ་རིམས་ནད་འགོག་སྡོམ་གྱི་མདུན་དུ་ལྷགས་པའི་གནས་བབ་ཀྱང་དེ་འདྲ་ཡག་པོ་མིན་སྟབས། ས་གནས་ཁག་དང་སྡེ་ཁག་དག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་སྡོམ་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་རིམས་ནད་ཡང་བསྐྱར་མི་མཆེད་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན།

ཆའོ་ཞུའེ་ཀྲི་ཡིས་དོགས་ཟོན་མཐོར་འདེགས་བྱེད་པ་རྒྱུན་འཁྱོངས་དང་། རྩ་འཛུགས་མགོ་ཁྲིད་ལ་སྔར་བས་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། སྟོན་དགུན་དུས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་དམ་འཛིན་བྱེད་པ་བཅས་ལ་ཕྱོགས་གསུམ་གྱི་ཐད་ནས་བླང་བྱ་བཏོན་པ་སྟེ། གཅིག་ནས་རིམས་ནད་འགོག་སྡོམ་ལས་དོན་ལ་མུ་མཐུད་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ས་གནས་ཁག་དང་སྡེ་ཁག་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་གིས་མི་སྣས་མཉམ་འགོག་དང་ནད་མང་མཉམ་འགོག་རྒྱུན་འཁྱོངས་བྱེད་པ་དང་། ཧེ་བག་ཅན་གྱི་གནད་འཁེལ་འགོག་བཅོས་ལག་བསྟར་བྱས་ཏེ་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་རིམས་ནད་འགོག་རྒོལ་བྱེད་དགོས། ཁུལ་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་ཀྱིས་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་གྱི་སྔོན་ཇུས་དང་ཟུང་འབྲེལ་བྱས་ཏེ། རང་ཁུལ་གྱི་རིམས་ནད་འགོག་སྡོམ་སྔོན་ཇུས་གང་མགྱོགས་ཀྱིས་བཟོས་ནས་རིམས་ནད་འགོག་སྡོམ་བྱ་ཐབས་ལ་ཤུགས་སྣོན་དགོས། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འགོག་སྡོམ་ཕྱོགས་ཀྱི་དངོས་ཟོག་གསོག་འཇོག་བྱེད་པ། རིམས་འགོག་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་གིས་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བྱ་བའི་བྱེད་ཐབས་ལ་ཤུགས་བརྒྱབ་ནས་སྟོན་དགུན་གྱི་རིམས་ནད་འགོག་སྡོམ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། (འཕྲོ་མ་པར་ངོས་གསུམ་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认