黄南藏文报ཕྱོགས་བསྡུས་འཕྲིན་གསར། རང་ཁུལ་གྱིས་རིམས་ནད་བཀོད་འདོམས་པུའུ་ཡི་བརྙན་ལམ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བསྡུས་པ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

第A2版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   02

《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས27ཉིན། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་བཟོ་བཅོས་ཀྱི་མགོ་ཚུགས་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཀླུ་འབུམ་རྒྱལ་དང་། ཞིང་ཆེན་དམངས་ཆེན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་རྡོ་རྗེ། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་འབྲུག་རྒྱལ་ཚེ་རིང་བཅས་དང་། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཁག་གི་འགན་འཁུར་པ་དང་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཁོངས་མི། ཁུལ་ལྟ་ཞིབ་ཨུ་ལྷན་དང་ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་ལས་དོན་གྱི་ཇུས་གཞི་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཨུའི་གཞུང་ལས་ཁང་གི《〈རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག〉བཟོ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ 》 བསྒྲགས་ཏེ་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བྱས། ཀླུ་འབུམ་རྒྱལ་གྱིས་རང་སྐྱོང་སྲོལ་ཡིག་བཟོ་བཅོས་ལས་དོན་ཡག་པོར་བསྒྲུབ་པའི་ཐད་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནས་བསམ་བློའི་ངོས་ཟིན་གཅིག་གྱུར་ཡོང་བར་བྱེད་དགོས། རང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ནས་རང་སྐྱོང་སྲོལ་ཡིག་བཟོ་བཅོས་ཡག་པོ་བྱེད་པ་དང་ཁྲིམས་སྐྱོང་རྨ་ལྷོ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྔར་ལས་སྐུལ་འདེད་གཏོང་དགོས། གཉིས་ནས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། བཟོ་བཅོས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ཁུལ་ཨུ་ལ་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། ཁུལ་ཨུའི་བསམ་ཕྱོགས་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་དགོས། གསུམ་ནས་བྱ་བའི་འགན་འཁྲི་ཇེ་ནན་དུ་གཏོང་དགོས།

“ལས་འགན་དང་དུས་ཚོད། རྩ་འཛུགས། འགན་འཁྲི”བཅས་དོན་འཁྱོལ་བཞི་ཡི་བླང་བྱ་ལྟར། སྲོལ་ཡིག་བཟོ་བཅོས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བཟོ་བཅོས་རྗེས་ཀྱི་སྲོལ་ཡིག་ནི་གཞི་རིམ་དང་འབྲེལ་འདྲིས་བྱེད་ཐུབ་པ་དང་། ཁྱད་ཆོས་ལྡན་པ། སྤྱོད་རུང་བ། རང་ཁུལ་གྱི་དོན་དངོས་དང་མཐུན་པར་ཁག་ཐེག་བྱེད་དགོས།

ལི་རྡོ་རྗེ་ཡིས་ཁྲིམས་འཛུགས་ལས་དོན་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྟེང་གནས་བཅའ་ཁྲིམས་ལ་ཕོག་ཐུག་མི་གཏོང་བ། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། སྤྱོད་གོ་ཆོད་པ། ས་གནས་སོ་སོའི་ཁྲིམས་འཛུགས་ཉམས་མྱོང་དཔྱད་གཞིར་འཛིན་པ། དུས་ཚོད་དང་འཕེལ་རིམ་ཁོང་དུ་ཆུད་པ། སྒྲོམ་གཞིའི་གྲུབ་ཆ་ཇུས་འགོད་ཡག་པོ་བྱེད་པ་བཅས་ཕྱོགས་བདུན་གྱི་ཐད་ནས་མཛུབ་ཁྲིད་དང་བསམ་འཆར་ཞིབ་ཕྲ་བཏོན། ཁུལ་དམངས་ཆེན་གྱི་ཁྲིམས་འཛུགས་བློ་འདྲི་དང་དཔྱད་དཔོག་རྟེན་གཞི་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་རང་སྐྱོང་སྲོལ་ཡིག་འཆར་ཟིན་བཟོ་བཅོས་ཚན་ཆུང་གི་ཚབ་བྱས་ནས། ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་རང་སྐྱོང་སྲོལ་ཡིག་བཟོ་བཅོས་ལས་དོན་ཡག་པོར་བསྒྲུབ་པའི་ཐད་གཏམ་བཤད།

ཚོགས་འདུས། རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱེད་པ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་བྱ་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡང་ཡིན། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་དང་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་ན། ད་གཟོད་རང་སྐྱོང་སྲོལ་ཡིག་ནི་དུས་རབས་གསར་པའི་བླང་བྱ་དང་མཐུན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་མཚོན་པ། རང་སྐྱོང་ཁུལ་གྱི་དོན་དངོས་དང་འཚམ་པ། རང་སྐྱོང་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་ལག་ལེན་གྱི་དགོས་མཁོ་དང་མཐུན་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྲོལ་ཡིག་ཡག་པོ་ཞིག་ཏུ་བཟོ་བཅོས་བྱེད་ཐུབ་ཅེས་ནན་གྱིས་བསྟན་ལ། དུས་མཚུངས་སུ་རང་སྐྱོང་སྲོལ་ཡིག་བཟོ་བཅོས་ཀྱི་དུས་ཚོད་བཀོད་སྒྲིག་བྱས།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认