黄南藏文报ཕྱོགས་བསྡུས་འཕྲིན་གསར། ཤིང་བཟའ་ཚང་དང་འབྲེལ་བའི་གསོ་རིག་བགྲོ་གླེང་ཚོགས་འདུ་རེབ་གོང་དུ་འཚོགས་པ། པར་ངོས་གཉིས་པར་མཐུད་པ། རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་བཙུགས་པ།

第A3版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   03

ཤིང་བཟའ་ཚང་དང་འབྲེལ་བའི་གསོ་རིག་བགྲོ་གླེང་ཚོགས་འདུ་རེབ་གོང་དུ་འཚོགས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། ཤིང་བཟའ་སྐུ་ཕྲེང་ལྔ་པ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དང་འབྲེལ་བའི་གསོ་བ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འཚོགས།

མགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་དང་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་ཐར་གཉིས་ཀྱིས་ཤིས་ཚིག་ཕུལ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲི་ཆིང་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཡུང་ལུང་། རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲའོ་ཅན་གོ། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་དངོས་སློབ་སྨན་པ་འཇིགས་མེད་དང་ཚེ་བཀྲ། བོད་ལྗོངས་སྨན་རྩིས་ཁང་གི་མཁས་དབང་གྲགས་ཅན་བསྟན་འཛིན་བཀྲ་ཤིས། པེ་ཅིང་བོད་སྨན་ཁང་གི་ཡོན་ཀྲང་སྒྲོལ་དཀར་སྐྱབས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཟུར་པ་མིང་དུ་གྲགས་པའི་གསོ་རིག་ཆེད་མཁས་པ་ཁ་ལོ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ། མཚོ་སྔོན་ཞིང་ཆེན་འཇིགས་མེད་བོད་སྨན་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་མཚོན་པའི་བོད་ལྗོངས་དང་པེ་ཅིང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཕེབས་པའི་གསོ་རིག་ཆེད་མཁས་པ་དང་སྐུ་མགྲོན300ལྷག་ཚོགས་འདུར་ཞུགས།

ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་རྨ་ལྷོ་ཁུལ་བདེ་ཐང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། རྨ་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས། ཧི་ནན་སོག་རིགས་རང་སྐྱོང་རྫོང་སོག་བོད་སྨན་ཁང་བཅས་ཀྱིས་འགན་སྒྲུབ་གནང་ལ། རྨ་ལྷོ་ཁུལ་བོད་སྨན་ཁང་དང་རྨ་ལྷོ་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རྩེ་ཁོག་རྫོང་བོད་སྨན་ཁང་། གཅན་ཚ་རྫོང་བོད་ལུགས་སྨན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།

རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། གསོ་རིག་མཁས་ཅན་ཤིང་བཟའ་སྐུ་ཕྲེང་ལྔ་པ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཏང་དང་རྒྱལ་ཁབ་དང་མི་དམངས་ལ་བློ་དཀར་ཞིང་། ཁོང་གིས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་སྲུང་སྐྱོབ། འཇོན་མི་སྐྱེད་སྲིང་། ཚན་རིག་ཞིབ་འཇུག སློབ་གསོ་སློབ་སྒྲུབ། རིག་གནས་ཐོན་ལས་དར་སྤེལ། ནང་སྒོས་སུ་དངུལ་ཆུ་བཙོ་བཀྲུའི་འདུལ་སྦྱོང་སོགས་ཀྱི་ལག་ལེན་རྒྱུན་འཛིན་དང་དར་སྤེལ་ལ་མཛད་རྗེས་བླ་མེད་བཞག་ཡོད།

ཚོགས་འདུའི་སྟེང་། ཆེད་མཁས་པ་རྣམས་ཀྱིས་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མདོ་སྨད་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཇི་ལྟར་དར་སྤེལ་བཏང་བའི་སྐོར་དང་། དབང་ལུང་གི་ཆོ་ག་དང་བོད་ཀྱི་གསོ་བ་རིག་པ། དམ་པ་ཁོང་གི་མཛད་རྣམ་དང་འབྲེལ་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྐོར། མདོ་སྨད་རེབ་གོང་ཡུལ་དུ་དངུལ་ཆུ་བཟོ་བཀྲུ་ཆེན་མོའི་ཕྱག་ལེན་ཐོག་མར་སྤེལ་བའི་ལོ་རྒྱུས་སྐོར། ཤིང་བཟའ་རིན་པོ་ཆེས་བོད་ཀྱི་གསོ་རིག་གི་སློབ་གསོའི་ཐད་བཞག་པའི་མཛད་རྗེས་སྐོར། ཤིང་བཟའ་རིན་པོ་ཆེའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་མཛད་རྗེས་སྐོར། དམ་པ་ཁོང་གིས་གཅན་ཚའི་ཡུལ་དུ་གསོ་རིག་གི་བཀའ་དྲིན་བསྐྱངས་ཚུལ། བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་འབྲས་ནད་ཀྱི་གཞི་རྟགས་གསོ་གསུམ་གྱི་སྐོར་སོགས་དམ་པ་ཁོང་གི་མཛད་རྣམ་དང་གསོ་རིག་ལོ་རྒྱུས་ཀྱི་ཐད་ལ་བགྲོ་གླེང་ཞིབ་རྒྱས་བྱས།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认