黄南藏文报ཕྱོགས་བསྡུས་འཕྲིན་གསར། ཤིང་བཟའ་ཚང་དང་འབྲེལ་བའི་གསོ་རིག་བགྲོ་གླེང་ཚོགས་འདུ་རེབ་གོང་དུ་འཚོགས་པ། པར་ངོས་གཉིས་པར་མཐུད་པ། རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་བཙུགས་པ།

第A3版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   03

པར་ངོས་གཉིས་པར་མཐུད་པ།

作者:

སྨན་བཅོས་ལས་ཁུངས་དང་། སྔོན་འགོག་དངོས་རྫས། མི་སྣའི་དཔུང་ཁག ཁ་གཏད་འཇལ་བའི་སྔོན་ཇུས་སོགས་གྲ་སྒྲིག་གང་ལེགས་བྱེད་དགོས། རྒྱལ་ཁབ་ཀྱི་ནད་བརྟག་སྨན་བཅོས་འཆར་གཞི་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་དཔྱད་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གཞི་གཅིག་ཅན་དང་ཚད་ལྡན་ཅན་གྱི་སྨན་བཅོས་ལ་སྐུལ་འདེད་བཏང་ནས་ནད་ཡམས་སྐྱོབ་བཅོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། གཙོ་གནད་གནས་ཡུལ་དང་གཙོ་གནད་ལྷུ་ཚིགས་ཀྱི་འགོག་སྡོམ་ལ་ཤུགས་བསྣན་ཏེ་སྡེ་ཁུལ་སོགས་ཀྱི་གཡུལ་ས་བརྟན་པོར་སྲུང་དགོས། གསུམ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་མུ་མཐུད་དུ་སྤྱི་འདོམས་དང་དམ་འཛིན་བྱེད་དགོས། ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བཅུ་པས་དུས་ཚིགས་གསུམ་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་ལྟར། ལོ་འཁོར་གྱི་དམིགས་འབེན་ལས་འགན་སྐུལ་སྤེལ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ། ཐོན་སྐྱེད་འཚོ་བའི་འཁོར་སྐྱོད་གྲ་སྒྲིག སྟོན་ཁའི་སློབ་མགོ་ཚུགས་པའི་གྲ་སྒྲིག ཁྲལ་འཕྲི་རིན་གཅོག ཁེ་ལས་ཀྱི་ཁེ་ཕན་དང་དམངས་ཕན་སོགས་ཀྱི་ལས་དོན་ཤུགས་ཆེན་པོས་དམ་འཛིན་བྱས་ཏེ། ཚོང་རའི་མཁོ་སྤྲོད་དང་དམངས་ཚིས་འགན་སྲུང་སོགས་ཀྱི་ལས་དོན་སྔར་ལས་ལེགས་པོར་སྒྲུབ་དགོས། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་གིས་བསྒྲུབས་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་ལ་ཁག་ཐེག་བྱེད་དགོས།

ཁུལ་བཀོད་འདོམས་པུའུ་ཡི་མགོ་ཁྲིད་བློ་མཐུན་དང་། ཁུལ་སྲིད་གཞུང་གི་དྲུང་ཆེ་དང་འབྲེལ་ཡོད་དྲུང་ཆེ་གཞོན་པ། ཁུལ་བཀོད་འདོམས་པུའུ་ཡི་ཁོངས་མིའི་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཚོགས་ར་གཙོ་བོ་རུ་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་ཁག་གི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་དང་བཀོད་འདོམས་དཔོན་གཞོན་པ། ཁོངས་མིའི་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་གྲོང་ཁྱེར་དང་རྫོང་གི་ཡན་ལག་ཚོགས་ར་རུ་ཚོགས་འདུར་ཞུགས་ཡོད།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认