黄南藏文报ཕྱོགས་བསྡུས་འཕྲིན་གསར། ཤིང་བཟའ་ཚང་དང་འབྲེལ་བའི་གསོ་རིག་བགྲོ་གླེང་ཚོགས་འདུ་རེབ་གོང་དུ་འཚོགས་པ། པར་ངོས་གཉིས་པར་མཐུད་པ། རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་བཙུགས་པ།

第A3版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   03

རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་བཙུགས་པ།

作者:

ཉེ་ལམ། རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་བཙུགས་ཤིང་། མཛད་སྒོའི་སྟེང་རྨ་ལྷོ་ཁུལ་དམངས་ཆེན་དང་ཁུལ་སྤྱིའི་བཟོ་ཚོགས། ཁུལ་དམངས་སྲིད་ཅུས། ཁུལ་རིག་གནས་ཁང་། ཁུལ་ཏང་གི་སློབ་གྲྭ། ཐུན་རིན་གྲོང་ཁྱེར་རིག་གནས་ཁང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་སྐོར་བྲོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་མི80ལྷག་ཞུགས་ཡོད། སྐོར་བྲོ་མཐུན་ཚོགས་ཀྱི་མི་སྣ་དག་གིས་ལུས་ལ་གཟབ་མཆོས་སྤྲས་ཏེ་ལྡེམ་མྱུར་གར་གྱི་ཉམས་འགྱུར་གྱིས་ལྟད་མོ་བ་རྣམས་ལ་རེབ་གོང་སྐོར་བྲོ་ཡི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་སྟོན་ཐུབ་ཡོད། སྐོར་བྲོ་མཐུན་ཚོགས་ཀྱི་ཚོགས་མིའམ་རྨ་ལྷོ་ཁུལ་ཏང་གི་སློབ་གྲྭའི་དགེ་རྒན་ཆི་ཅིན་ལན་གྱིས། དེ་རིང་ནི་ཧ་ཅང་དགའ་འོས་པའི་ཉི་མ་ཞིག་སྟེ། ང་ཚོ་རེབ་གོང་སྐོར་བྲོ་མཐུན་ཚོགས་ཀྱིས་མི་ལོ་བཅུའི་རིང་ལ་འབད་པ་ལྷོད་མེད་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་རྒྱབ་སྐྱོར་ཐོབ་པ་ནས་དངོས་སུ་དབུ་བརྙེས་པའི་ཉིན་མོ་ཡིན་ཞེས་དགའ་སྤྲོ་དང་བཅས་བཤད་བྱུང་།

སྐོར་བྲོ་ནི་མི་མང་མཉམ་འདུས་ཀྱི་སྲོལ་རྒྱུན་ཞབས་བྲོ་ཞིག་སྟེ་ལུས་ཕུང་སྦྱོང་བརྡར་ལ་ཕན་པའི་རྩེད་མོ་ཞིག་ཀྱང་ཡིན་པས། རེབ་གོང་སྐོར་བྲོ་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་འདིས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་ནས་རྨ་ལྷོ་གསར་པའི་མདུན་ལྗོངས་ལ་ཁ་དོག་རྣམ་པར་བཀྲ་བའི་སྒྱུ་རྩལ་གྱི་མེ་ཏོག་ཅིག་ཕུལ་ཡོད་པ་རེད།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认