黄南藏文报འཚོ་བའི་ལམ་ཡིག སྟོན་རླུང་གིས་སྒུལ་བའི་སྐྲ་ལོ། པར་ངོས་ལྔ་པར་མཐུད་པ།

第A6版:འཚོ་བའི་ལམ་ཡིག PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   06

པར་ངོས་ལྔ་པར་མཐུད་པ།

作者:

མི་སྨུག་པོ་ནི་རི་གསུམ་གྱི་དབུས་མར་གནས་པའི་སྤྱིལ་བུ་དེ་ལས་ཚུར་ལོག་ཅིང་། གྱ་གྱུའི་འགྲོས་ཀྱིས་བཞུར་བའི་གཙང་པོའི་ཉེ་འགྲམ་གྱི་ཐོག་ཁང་དེར་བསྡད་དེ། ག་དུས་ཡིན་རུང་ཟང་ཟིང་གི་རྒྱ་ལ་མ་ཚུད་ཙམ་དུ་འཚོ། ཁོ་བཞུགས་སའི་རྩིག་པའི་ངོས་སུ་ལྷ་དང་མི་གཙོས་པའི་འགྲོ་བ་རིགས་དྲུག་གི་གཏམ་རྒྱུད་ཤར་བའི་མེ་ལོང་ཞིག་བཀལ་ཡོད། མེ་ལོང་དེའི་དབུས་སུ་མཚམས་རེར་གྲིབ་མ་མེད་པའི་ཡ་མ་གཟུགས་ཤིག་སྣང་འོངས་ཤིང་། མཚམས་རེར་མེས་པོ་ཚངས་པས་བསྐྲུན་པའི་འཇིག་རྟེན་གཞན་ཞིག་ཤར་འོང་། ད་ལྟའི་སྐབས་ལ་མི་སྨུག་པོས་མེ་ལོང་དེ་རང་གི་སྔས་འགྲམ་དུ་བཀལ་ཅིང་། དུས་དང་དུས་སུ་མེ་ལོང་གི་ཁ་དོག་དང་གསལ་སྒྲིབ་ལ་གཞིགས་ནས་རང་ཉིད་དང་རང་ཉིད་ཀྱི་ཁ་དོག་དང་གྲིབ་མ་འཚོལ་བཞིན་མཆིས། སྐྱོ་བས་ཟིན་པའི་མི་སྨུག་པོའི་གྲིབ་མ་དང་ཁ་དོག་ནི་འཁོར་བ་འདིའི་ཀློང་དུ་ཁྱེད་ཀྱིས་འཕྲིན་ཡིག་ཏུ་བྲིས་ཤིང་བྱིན་གྱིས་རླབས་པའི་མཁའ་འགྲོའི་སྙིང་གཏེར་ཞིག་ལགས་པས། ཁྱེད་ཁོ་ནར་དབང་ཞིང་། ཁྱེད་ཁོ་ནར་གཏད་རྒྱར་བཞག་ཡོད།

ཁྱེད་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་རོ་དང་ཁ་དོག་སེང་གེ་གྲོང་ཚོར་རང་གི་གྲིབ་མའི་ནང་སྦས་ཤིང་། ཡ་ང་བ་མི་འབྱུང་བའི་སླད་དུ་ཞི་དུལ་བག་ཡོད་ཀྱི་བརྟུལ་ཞུགས་ལ་གནས་ཀྱང་། མི་སྨུག་པོའི་སྔས་འགྲམ་གྱི་མེ་ལོང་དབུས་སུ་མི་སྨྲ་བའི་སྤྱོད་པར་གནས་མཁན་གྱི་རས་པ་ཞིག དུར་ཁྲོད་ཀྱི་མི་རོ་འགྱེད་པ་ལྟར་ཁ་ཁྱེད་ཕྱོགས་སུ་འཁོར་ནས་ལུས་ཤིང་། ཁྱེད་ཀྱི་ཉེ་འཁོར་ན་འགྱུ་བའི་རླུང་དང་ཆུ། ལྗོན་ཤིང་གི་ལོ་མ་དང་། ནམ་མཁའི་སྤྲིན་ཕུང་སོགས་ཁྱེད་དུ་བསྒོམས་ནས་ངག་མི་སྨྲ་བར་པི་ཝང་གི་རྒྱུད་ཆད་པ་ལྟར་འཚོ་བ་ནི། ཁྱེད་དང་མཉམ་དུ་སེང་གེ་གྲོང་ཚོའི་རྒྱབ་རིའི་ངོས་ཀྱི་སྤང་ནགས་ཀྱི་མཚམས་སུ་མཆོད་རྟེན་དམར་སེར་གཉིས་ཕན་ཚུན་ལ་འདྲེས་པའི་གྲིབ་མ་ཞིག་ཏུ་སྣང་ངོ་།།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认