黄南藏文报སློབ་རའི་གླུ་སྒྲ རྒས་གཉེར་དང་རྒྱབ་གཟུགས། ངའི་བྱིས་དུས་ཀྱི་རྩེད་གྲོགས། ངའི་ཨ་ཕ་དང་དུ་བ་།

第A7版:སློབ་རའི་གླུ་སྒྲ PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   07

ངའི་བྱིས་དུས་ཀྱི་རྩེད་གྲོགས།

作者:ཚེ་སྐྱིད་དབང་མོ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་། མ

བུ་མོ་ང་ནི་སྦྲང་དཀར་རྩམ་པའི་འཚོ་བཅུད་དང་འབྲི་དཀར་ཐུལ་མོའི་འོ་ཞོ་མངར་མོ་དང་ལྷན་དུ་ནར་སོན་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན། ངའི་བྱིས་དུས་ཀྱི་འཚོ་བ་ནི་སྤང་ཐང་དུ་མཆོང་ལྡིང་བྱེད་པའི་གཡང་དཀར་ལུ་གུ་དང་འགྲོགས་ནས་ཡོང་བས། བུ་མོ་ངས་སྨྱུག་རྩེ་ཤོག་ངོས་ལ་བསྒྱུར་ཏེ་བྱིས་དུས་ཀྱི་རྩེད་གྲོགས་གཡང་དཀར་ལུ་གུ་དེ་འབྲི་འདོད།

ཉིན་ཞིག་ལ། ངེད་ཚང་གི་མ་མོ་གྱོལ་བོ་དེས་ལུ་གུ་ཆུང་ཆུང་སྙིང་རྗེ་བོ་དུང་ལྟར་དཀར་བ་ཞིག་བཙས་མོད། མ་མོས་མ་བླངས་པས་ང་རང་ཉིད་ཀྱིས་གཉོར་སྐྱོང་བྱས། དང་ཐོག་ལུ་གུ་ངའི་གམ་དུ་ཡོང་བ་ཕར་ཞོག ང་དང་བཞའ་རེས་བྱེད་པ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད། ཡིན་ན་ཡང་ལོ་ཟླ་ནི་ཐུར་དུ་འབབ་པའི་རི་གཟར་གྱི་ཆུ་བོ་ཇི་བཞིན་མདུན་དུ་སྐྱོད་ཅིང་། ཅི་ཡིན་འདི་ཡིན་མ་ཤེས་པར་ལུ་གུ་དེ་ངའི་འཚོ་བའི་ཁྲོད་ཀྱི་རྩེད་གྲོགས་འདང་ཆེན་དུ་གྱུར། ཆུང་དུས་ཕ་མའི་བྱ་བ་བྲེལ་འཚུབ་ཆེ་སྟབས་ང་དང་ལུ་གུ་ཆུང་ཆུང་གཉིས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བ་ཡིན། ངས་ལུ་གུ་ལ་འོ་ཇ་དང་གོར་སྐྱ་བྱིན་ཏེ་གསོས། ལོ་ཟླའི་འགྲོས་དང་བསྟུན་ནས། ལུ་གུ་ང་ཡི་རྗེས་ལ་འབྲངས་པ་ལས་སྒོ་ཕྱི་རུ་དེ་འདྲ་མི་རྒྱུག ལན་རེར་ར་སྐོར་ནང་དུ་ང་དང་བདའ་རེས་བྱེད་པའམ་པང་དུ་ཉལ་བ། ལག་མགོར་འཐམས་པ་སོགས་པྲ་ཆལ་གང་མང་བྱེད་ཀྱང་ང་ལ་རྨས་སྐྱོན་ཡེ་ནས་བཟོས་མ་མྱོང་།

དུས་ཚོད་ཀྱི་འགྲོས་དང་ལོ་ཟླ་ཡི་འཁོར་བསྐྱོད་དང་བསྟུན་ནས། ངས་དཔེ་ཁུག་རྒྱབ་ལ་ཁུར་ཏེ་ཡིད་འོང་གི་ཕུགས་བསམ་འཚོལ་ཕྱིར་ཤེས་རིག་གི་ལྡིང་གར་རིག་གནས་སྦྱང་དུ་སོང་། དགེ་བའི་བཤེས་གཉེན་གྱི་གསུང་གི་བདུད་རྩི་ལ་རོལ་སྐབས་དང་། ན་མཉམ་སློབ་གྲོགས་ཚོ་དང་ཤེས་བྱའི་བློ་རིག་འགྲན་སྐབས། ང་ལ་ཞེན་ཆགས་ཤིག་ཡོད་པ་ནི་ལུ་གུ་ཡིན། ཐ་ན་དགོང་མཚན་མོའི་རྨི་ལམ་ཡང་ལུ་གུ་ཡིན་ལ། ངའི་ལུ་གུས་ཅི་བྱེད་ཀྱིན་ཡོད་དམ། ལྟོགས་ཀྱིན་ཡོད་དམ་སྙམ། ཨ་མས་བཤད་ན་ང་མེད་དུས་ལུ་གུ་སུན་བཞིན་འདུག་ཟེར། དུས་རྒྱུན་སློབ་གྲྭ་གྲོལ་ནས་ཡུལ་འདབས་ལ་སླེབས་སྐབས་ལུ་གུས་ངའི་དྲི་མ་བསྣམས་ནས་ངའི་ཕྱོགས་ལ་བརྒྱུགས་ནས་ཡོང་། དམའ་འབྲིང་སྐབས་སུ་ལུ་གུ་དེ་ལག་ཆགས་ནས་མ་མོ་ཞིག་ཏུ་གྱུར་ཞིང་། ངེད་གཉིས་མཉམ་ཟ་མཉམ་འཐུང་བྱེད་པའི་སྐལ་བ་མེད་ཀྱང་བརྩེ་བ་ལ་འགྱུར་བ་མེད།

དམའ་གསུམ་གྱི་སློབ་སྐབས་སྟོད་ཀྱི་དགུན་གནང་བྱིན་ཏེ་ཡུལ་ལ་སླེབས་དུས། ཕ་མ་གཉིས་ཀྱི་གདོང་གི་འཛུམ་མདངས་ཡེ་ནས་མཐོང་རྒྱུ་མི་འདུག ངས་ཨ་ཕར་དོན་ཅི་ཞིག་བྱུང་སོང་ཞེས་དྲིས་པ་ན་ཨ་ཕས་ཅི་ཡང་མི་སྨྲ་བར་ཁ་ཏོན་འདོན་ཞོར་སྒོར་བུད། ངས་ཨ་མའི་ལྭ་བའི་ཐུ་སྣེར་འཇུས་ཏེ་དྲིས་དྲིས་མཐར། མ་མོ་ཤན་པ་ཞིག་ལ་བཙོངས་ཟིན། སྒོར་མོ་དེ་ཁྱོད་ཀྱི་སློབ་སྐབས་རྗེས་མའི་སློབ་རིན་ལ་སྤྲོད་དགོས་ཟེར། ཀྱེ་མ་སྐད་ཆ་དེ་ཐོས་འཕྲལ་ངའི་ཡིད་སེམས་ཚལ་བུར་གས་སོང་། དེ་ནས་བཟུང་སྟེ་ངའི་སེམས་ཀྱི་སྡུག་གི་ན་བུན་སངས་ཐབས་མེད་ལ། སློབ་རར་དཔེ་ཆ་སློབ་དུས་དཔེ་ཆའི་ཐིག་ཕྲེང་གི་དབུས་སུ་ངའི་སྙིང་རྗེ་བའི་ལུ་གུ་དེས་ང་ལ་སྙིང་རྗེ་བའི་འབའ་སྐད་སྒྲོག

ང་ལ་སློབ་སྦྱོང་གི་མཐུན་རྐྱེན་སྒྲུབ་མཁན་མང་པོའི་གྲས་ན་ལུ་གུ་ཞིག་ཡོད། ངས་འབད་པ་ཆེན་པོས་སློབ་སྦྱོང་བྱེད་པ་ཡང་ལུ་གུ་ཁོང་ལ་དྲིན་གཟོ་ཡི་རྣམ་འགྱུར་ཞིག་ཏུ་བསམ་བཞིན་ཡོད།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认