黄南藏文报ཚགས་པར་གྱི་ཁ་ཤོག པར་རིས་གསར་འགྱུར།  རང་ཁུལ་གྱིས2020ལོར་ཞིང་ཆེན་གྱིས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་གཞལ་བསྡུར་དང་ལྟ་ཞིབ་བྱེད་པའི་ལས་དོན་གྱི་སྙན་ཞུ་ཚོགས་འདུ་བསྡུས་པ།

第A1版:ཚགས་པར་གྱི་ཁ་ཤོག PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 11 月 27 日 星期五   01

རང་ཁུལ་གྱིས2020ལོར་ཞིང་ཆེན་གྱིས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་གཞལ་བསྡུར་དང་ལྟ་ཞིབ་བྱེད་པའི་ལས་དོན་གྱི་སྙན་ཞུ་ཚོགས་འདུ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཉེ་ལམ། རང་ཁུལ་གྱིས2020ལོར་ཞིང་ཆེན་གྱིས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་གཞལ་བསྡུར་དང་ལྟ་ཞིབ་བྱེད་པའི་ལས་དོན་གྱི་སྙན་ཞུ་ཚོགས་འདུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཆའོ་ཞུའེ་ཀྲི་ཡིས་གཞལ་བསྡུར་ཚན་ཆུང་ལ་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་གཞལ་བསྡུར་ཚན་ཆུང་གི་ཚན་གཙོའམ་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ཧྲན་མིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀླུ་འབུམ་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ཐོག་གཏམ་བཤད།

གཞལ་བསྡུར་ཚན་ཆུང་གིས། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་རྒྱལ་ཁ་ལེན་པ་ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། དབུལ་ཐར་མཁྲེགས་གཏོར་ལས་དོན་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མངོན་གསལ་དོད་པའི་གནས་སུ་བཞག་ཅིང་། བསམ་བློའི་ངོས་ཟིན་གཅིག་གྱུར་དང་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས། དབུལ་ཐར་མཁྲེགས་གཏོར་གྱི་ལས་སྒོ་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱི་དབུལ་ཞྭ་ཕུད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་དབུལ་ཕོངས་ཕྱོགས་ཡོངས་ནས་གཙང་སེལ་བྱས། ད་ལོ་ནས་བཟུང་། རང་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས“མི་འཕུད་པ་བཞི”དང“གསར་སྣོན་གསུམ”གྱི་བླང་བྱར་དམ་པོར་དམིགས་ཏེ། ཞན་ཆ་ཁ་གསབ་དང་ཅུང་ཉམས་ཞན་གྱི་སྐོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་གཙོ་བོར་བཟུང་ནས་དམ་འཛིན་བྱས་ཤིང་། “ཡག་ཐོག་ཡག་བརྩེགས”ཀྱི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དབུལ་ཐར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་མཐོར་འདེགས་བྱས་པ་དང་། ཐོན་ལས་དབུལ་སྐྱོར་གྱིས་དབུལ་ཕོངས་ཉུང་འཕྲིའི་ལམ་སྲོལ་གྱི་སྣེ་ཁྲིད་དེ་ཤུགས་བསྣན་པ། རང་བརྟེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ། གནད་དོན་དག་ཐེར་དམ་འཛིན་ཏན་ཏིག་བྱས་པ། མཁྲེགས་གཏོར་གྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ། དབུལ་ཐར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་བརྒྱུད་དབུལ་ཐར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཁུལ་ཡོངས་ཀྱི་སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་པ་དང་། དམངས་ཚིས་བདེ་སྐྱིད་ཕྱོགས་ཡོངས་ནས་འཕེལ་བ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཇེ་དྲག་ཏུ་ཕྱིན་པས། དབུལ་ཐར་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ། དེ་ལས་བཀོད་སྒྲིག་གི་ཚུགས་གནས་མཐོ་བ་དང་ཐོན་ལས་སྐྱེད་སྲིང་དོན་དངོས་ཡིན་པ། སྒུལ་ཤུགས་འདང་ངེས་ཡིན་པ་སོགས་ཁྱད་ཆོས་དང་ཉམས་མྱོང་གསལ་པོར་མངོན་ཡོད། ཚོགས་འདུས། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་གཞལ་བསྡུར་ནི་མ་ལག་རང་བཞིན་གྱི་བཟོ་བཀོད་ཅིག་དང་། རྨ་ལྷོ་ཁུལ་གྱི་ལྟེ་བའི་ལས་དོན་འགངས་ཆེན་ཞིག་དང་ཆབ་སྲིད་ཀྱི་ལས་འགན་ཆེས་མཁྲེགས་པོ་ཞིག་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། གཅིག་ནས་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་བཅོས་སྒྲིག་གནད་ལ་འཁེལ་བ་བྱ་དགོས་པ་དང་། གཉིས་ནས་ཚད་གཞི་དང་རེའུ་མིག་ལྟར་ཆད་ལུས་ཁ་གསབ་བྱ་དགོས་པ། གསུམ་ནས་སྤུས་ཚད་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཞིབ་བཤེར་གྲ་སྒྲིག་བྱ་དགོས་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་བླང་བྱ་ནན་མོ་བཏོན།

ཞིང་ཆེན་གཞལ་བསྡུར་ཚན་ཆུང་གི་ཁོངས་མི་ཡོངས་དང་ཁུལ་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་པ་རྣམས་རེབ་འདིའི་ཚོགས་འདུར་ཞུགས་ཡོད།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认