黄南藏文报ཕྱོགས་བསྡུས་འཕྲིན་གསར། པར་རིས་གསར་འགྱུར། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བདུན་པ་བསྡུས་པ།

第A1版:ཕྱོགས་བསྡུས་འཕྲིན་གསར། PDF原版PDF原版
上一版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 12 月 04 日 星期五   01

རང་ཁུལ་གྱིས་ཁུལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བདུན་པ་བསྡུས་པ།

作者:

རང་ཚགས་པར་གྱི་འཕྲིན། ཟླ11པའི་ཚེས26ཉིན། རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བདུན་པ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན། ཁུལ་དབུལ་སྐྱོར་གསར་སྤེལ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཆའོ་ཞུའེ་ཀྲི་ཚོགས་འདུར་ཞུགས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཆད་གསབ་དང་། ལས་འགན་ཁ་གསལ། འགན་འཁྲི་ཇེ་ནན་དུ་གཏོང་བ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་དབུལ་བོ་བསྐྱར་ལོག་སྔོན་འགོག་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཐུབ་པ་བྱེད་དགོས་ཟེར།

ཆའོ་ཞུའེ་ཀྲི་ཡིས་ནན་གྱིས་བསྟན་དོན། “ནན་མོ”ཞེས་པའི་ཡིག་འབྲུ་གཉིས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ལྟ་སྟངས་འཛིན་དགོས། དབུལ་ཐར་མཁྲེགས་གཏོར་སྤུས་ཚད་མཐོ་པོའི་ངང་ལེགས་འགྲུབ་འབྱུང་ཐུབ་མིན་གྱི་འགག་རྩ་དེ“ནན་མོ”ཞེས་པའི་ཡིག་འབྲུ་གཉིས་ཀྱི་སྟེང་དུ་ཡོད་ལ། “ནན་མོ”བྱེད་ཚད་ཆེས་མཐོ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་དུས་རིམ་མཐའ་མར་སླེབས་ཡོད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་མཁྲེགས་གཏོར་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་མགོ་ཡོད་མཇུག་ཡོད་བྱེད་དགོས་པ་དང་། ལས་དོན་སྒྲུབ་མཁས་པོ་དང་གྲུབ་འབྲས་ལེགས་པོ་འཐོབ་པར་བྱེད་དགོས། རྒྱལ་ཁ་ཡོངས་སུ་མ་འཐོབ་ན། དམག་འཐབ་གཏན་ནས་མཚམས་འཇོག་མི་སྲིད”ཅེས་ནན་གྱིས་བསྟན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ད་སྔ་སྤེལ་བཞིན་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་བྱེད་པ་དང་། ཏང་ཡོན་གྱིས“ཏན་ཏིག”ལ་དང་དོད་ཆེ་ཤོས་བྱེད་པའི་བླང་བྱར་བརྟེན། དམིགས་ཚད་དང་། རེའུ་མིག དོན་ཚན་རེ་རེ་བཞིན་འགུལ་སྐྱོད་ཐད་གནས་པའི་མངོན་གསལ་དོད་པོའི་གནད་དོན་འཚོལ་བཤེར་དང་དབུལ་ཐར་མཁྲེགས་གཏོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གནད་སྨིན་ཡོ་བསྲང་། ཕྱོགས་ཡོངས་དང་མ་ལག་ཚང་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱུགས་ལན་ཁག་ལ་ཞིབ་བཤེར་བྱེད་པ་དང་། ཆེས་མཇུག་མཐའི“ཡག་ཐོག་ཡག་བརྩེགས”ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། “དཀའ་སྤྱད་ཉིན་དྲུག་ཅུ་དང་། ཕུན་སུམ་ཚོགས་པར་མཇུག་བསྡུ་བའི”འགུལ་སྐྱོད་ཇུས་གཞིའི་ཁྲོད་ཀྱི་གཙོ་གནད་ལས་དོན་ཁག13དང་ཞིབ་བསྡུར་བྱེད་པ། རྩིས་ཐོ་ཞིབ་ཕྲ་བཟོས་ནས་ལས་འགན་ཁ་གསལ་བཟོ་བ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་ལོ་མཇུག་གི་སྔོན་ལ་ལས་དོན་ཁག་སྤུས་ཚད་མཐོ་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཁུལ་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཅིག་འབུལ་དགོས་ཟེར།

ཁོས་བསྟན་དོན། “མཐར་ཕྱིན”ཞེས་པའི་ཡིག་འབྲུ་གཉིས་ལ་བརྟེན་ནས་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་དགོས། ཟླ12པའི་ཟླ་མགོར། རྒྱལ་ཁབ་ཀྱིས་ཞིང་ཆེན་ཁག་ལ་དབུལ་ཐར་མཁྲེགས་གཏོར་བྱེད་རིང་གི་དཔྱད་ཞིབ་མཐའ་མ་བྱ་རྒྱུ་དེ་ང་ཚོའི་འདི་ལོའི“ལོ་འཁོར་གྱི་རྒྱུགས་ལེན”དང་ལོ5ཡི་ལས་ཀའི་ཕན་འབྲས་ལ“ཕྱོགས་ཡོངས་ནས་རྒྱུགས་ལེན”བྱས་པ་ཞིག་ཀྱང་རེད།

(འཕྲོ་མ་པར་ངོས་གསུམ་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认